您现在的位置: 首页 > 专家简介

专家简介


སློབ་དཔོན་ཆེན་མོ་བསྟན་སྲུང་གྲགས་པ་མཆོག་ནི་ལྗོངས་རིམ་པའི་བོད་ལུགས་གསོ་རིག་རྩ་སྦྱོང་ལག་ལེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཆེ་མོ་དང་ལྗོངས་རིམ་པའི་བོད་ལུགས་གསོ་རིག་གྲགས་ཅན་མཁས་དབང་།  བོད་ལྗོངས་ནག་ཆུ་སོག་རྫོང་སྨན་རྩིས་ཁང་གི་འགོ་འཛིན་སྔོན་མ།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན།  རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དགེ་སློབ་རྒྱུན་འཛིན་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན།   རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་གྲོང་ཁྱེར་སྨན་ཁང་དུ་མའི་ནད་ཐོག་བློ་འདྲི་ཆེ་མོ་སོགས་ཀྱི་ཐུགས་འགན་བཞེས་ཤིང་།   སྔ་ཕྱི་རང་སྨན་ཁང་དང་སྨན་ཁང་ཁག་ལ་རྒྱུད་ཀྱི་ལག་ལེན་བཅོ་བརྒྱད་གཙོ་བོ་བྱེད་པའི་བོད་ལུགས་གསོ་རིག་གི་གཞུང་དང་ཕྱག་ལེན་དམར་ཁྲིད་ཀྱི་སློབ་ཁྲིད་བསྐྱངས།  ཐེངས་འདིར་ངེད་སྨན་ཁང་གི་དྲ་ཐོག་གསོ་སྦྱོང་སློབ་ཁྲིད་ལ་སློབ་དཔོན་མཆོག་ཆེད་དུ་གདན་ཞུ་དང་སྦྲགས་བོད་ཀྱི་གསོ་བ་རིག་པའི་སློབ་མ་རྣམས་ལ་རྒྱུད་ཀྱི་བརྟག་པ་རྩ་ཆུའི་མདོ་དོན་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་ཞལ་ཁྲིད་གནང་རྒྱུ་ཡིན་པས་རྒྱ་ཆེའི་སྐལ་ལྡན་དོན་གཉེར་ཅན་རྣམས་དེ་དོན་ཐུགས་འཇགས་འཚལ།

旦松扎巴,1953年3月生,自治区级非物质文化藏医脉泻疗法传承人,西藏那曲市索县藏医院前院长西藏藏医药大学博士研究生导师,曾获得“全国卫生系统先进工作者”“西藏名医”“藏北名医”称号2014年被聘为中国藏学研究中心“第五届全国藏医药高级研修班”特聘教授,是第五、六批全国老中医药专家学术经验继承工作指导老师他长期从事藏医临床工作,精通藏医药脉泻及药浴等特色疗法,编写了《脉泻疗法指南》、《肝病催泻疗法操作规程》等论著,填补了脉泻疗法的实践空白。十分注重培养藏医药后备人才,先后培养的学员共计4010人,其中硕博士生近100名。2019年9月29日,国家人力资源社会保障部、国家卫生健康委、国家中医药局授予旦松扎巴同志“全国中医药杰出贡献奖”称号。此次那曲市藏医院以线上培训的方式邀请旦松扎巴大师为藏医药学子们讲授藏医脉诊与尿诊,望广大藏医药学子积极参加!!!